མ་འདྲིས་སེམས་གྱི་མདུད་པ་
འདྲིས་ན་དགའ་རོགས་སྐྱོ་རོགས་
ཧི་མ་ལ་ཡའི་སྲས་མོ་
སྙིང་སྡུག་གཡུ་ཆུང་དྲུག་དཀར་
ཡིད་འཕྲོག་ལྷ་མོ་ལྷ་རེད་
ལྷ་ཡུལ་གང་གི་གང་རེད་
ཧི་མ་ལ་ཡའི་སྲས་མོ་
ཉི་མའི་འོད་ལ་བྱོན་ཡོད་
གངས་རི་མཐོན་པོའི་རྩེ་ལ་
སྤྲིན་དཀར་བང་རིམ་དབུས་ལ་
ལང་ཚོ་གར་གྱིས་འཁྱུག་པའི ་
ཧི་མ་ལ་ཡའི་སྲས་མོ་
བཞིན་བཟང་གཤིས་འཇམ་གཅིག་ལ་
ཁྲེལ་ཡོད་གཏམ་ཚིག་གཉིས་ལ་
ཧི་མ་ལ་ཡའི་སྲས་མོ་
མཁའ་མཐའི་སྤྲིན་པ་དམར་པོ་
བོད་ཡུལ་ཁྲོམ་ཆེན་དབུས་ན་
བརྒྱ་ཚོགས་སྟོང་འདུས་གཙུག་རྒྱན་
ཧི་མ་ལ་ཡའི་སྲས་མོ་
བདག་པོ་གང་འདོད་མ་གནང་
གངས་རི་མཐོན་པོའི་རྩེ་ལ་
སྤྲིན་དཀར་བང་རིམ་དབུས་ལ་
ལང་ཚོ་གར་གྱིས་འཁྱུག་པའི ་
ཧི་མ་ལ་ཡའི་སྲས་མོ་
གངས་རི་མཐོན་པོའི་རྩེ་ལ་
སྤྲིན་དཀར་བང་རིམ་དབུས་ལ་
ལང་ཚོ་གར་གྱིས་འཁྱུག་པའི ་
ཧི་མ་ལ་ཡའི་སྲས་མོ་