网络歌手 - 幸福的藏家人
སའོ་་་ཁྱེད་ཀྱི་ཐུགས་བརྗེ་་་་
སའོ་་་ཁྱེད་ཀྱི་ཐུགས་བརྗེ་་་་
དགུང་གི་ཉི་མ་
འཇིག་རྟེན་དྲོ་སྐྱིད་ཆེད་དུ་འོད་ཆེམ་ཆེམ་
ཁྱེད་ཀྱི་ཐུགས་བརྗེ་ བདག་ཚོའི་བདེ་སྐྱིད་ལམ་བུ་དྲོ་སོབ་སོབ་
ཤར་རིའི་ལྷུན་པོའི་རྩེ་་ནས་ ཁྱེད་ཀྱི་མཛུམ་ཞལ་མཇལ་བྱུང་། མ་འོངས་ཕུགས་འདུན་རིང་མོ་ ཨ་ལ་བདག་ཚོའི་ཡིད་ལ་བལྟམས་སོང་།
ས་གཞི་པད་མའི་སྟེང་ནས་ ཁྱེད་ཀྱི་གསུང་སྐད་ཐོས་བྱུང་།
འབྱོར་ཕྱུག་ལམ་གྱི་གཏམ་བཟང་། ས་གཞིར་འབྲུག་སྒྲ་ལྡིར་ལྡིར་
འཕུལ་ཡ་འཕུལ་ ལྷད་མེད་སེམས་ཀྱི་གླུ་དེ་ཁྱེེད་ལ་འཕུལ་
འགྲོ་ཡ་འགྲོ་ བདག་ཚོ་ནམ་ཡང་ཁྱེད་དང་མཉམ་དུ་འགྲོ་་་་
དགུང་གི་ཉི་མ་
འཇིག་རྟེན་དྲོ་སྐྱིད་ཆེད་དུ་འོད་ཆེམ་ཆེམ་
ཁྱེད་ཀྱི་ཐུགས་བརྗེ་ བདག་ཚོའི་བདེ་སྐྱིད་ལམ་བུ་དྲོ་སོབ་སོབ་
དཀྱིལ་དུ་བརྟན་པ་རབ་གསལ་ གནམ་ལ་ཉི་མ་ཤར་འདྲ་
སྤྱི་སྲུང་ཕན་བདེའི་འདུད་རྩི་ ཨ་ལ་ས་ལ་འབྲུག་ཆར་འབབ་འདྲ་
གནམ་འདི་མཐོ་སོང་མ་གསུང་ ས་འདི་ཆེ་སོང་མ་ཟེར་
ཁྱེད་ཀྱི་དྲིན་དང་ཐུགས་བརྗེ་ གནམ་ས་གཉིས་ལས་ཆེ་བ་
འཕུལ་ཡ་འཕུལ་ ལྷད་མེད་སེམས་ཀྱི་གླུ་དེ་ཁྱེེད་ལ་འཕུལ་
འགྲོ་ཡ་འགྲོ་ བདག་ཚོ་ནམ་ཡང་ཁྱེད་དང་མཉམ་དུ་འགྲོ་་་་
བདག་ཚོ་ནམ་ཡང་ཁྱེད་དང་མཉམ་དུ་འགྲོ་་་་
རིགས་བཟང་ཚུལ་ཁྲིམས་དཔའ་ལྡན་ནས་ ༢༠༡༨ལོའི་ཟླ་བ་༩པའི་ཚེས་༡༩ཉིན་༼བསྒྲིགས༽