ཤར་ལྷོ་ནུབ་བྱང་ང་ལ་མ་འཁོར།།
ང་ཡི་འཇིགས་རྟེན་ངོ་མ་འགྱུར་སོང།།
ཁྲ་ཁྲ་དེ་ན་ཁྲིག་ཁྲིག་དཀའ་མོ།།
དོ་ནུབ་གོ་བ་གཞན་ཞིག་ཡིན་ཚོད།།
རྒྱུས་མེད་མི་ཚོགས་ང་ལ་མ་ལྟ།།
སྙིང་སྡུག་བྱམས་པའི་རྩེ་བ་འགྱུར་སོང།།
ལས་དབང་ཟེར་བ་འདི་འདྲ་ཨེ་རེད།།
ལྷ་དང་བླ་མས་ང་ལ་གསུང་རོགས།།
ལྷན་འཛོམས་ཟེར་བ་རིང་པོ་མ་རེད།།
གོ་སྐབས་འདི་ཡང་ཐུང་ཐུང་མིན་ནམ།།
འདྲེས་ཤིང་འགྲོག་པའི་མཐའ་ན་འགྱུར་དུས།།
ཡིད་ཆད་ཟེར་བ་ག་འདྲ་ཡིན་རེད།།
སེམས་ཐག་ཉེ་བའི་མི་དེ་སུ་རེད།།
དེ་རིང་འགྱུར་བ་ཁྱེད་རིང་ཡིན་འདྲ།།
འདྲེས་ཤིང་འགྲོག་པའི་མཐའ་ན་འགྱུར་དུས།།
ཡིད་ཆད་ཟེར་བ་ག་འདྲ་ཡིན་རེད།།
སེམས་ཐག་ཉེ་བའི་མི་དེ་སུ་རེད།།
དེ་རིང་འགྱུར་བ་ཁྱེད་རིང་ཡིན་འདྲ།།
རྩ་བ་དེ་ཡང་འདི་ཙམ་ཡིན་ན།།